Tibetan - Kinder Tick

ཝིག་ཊོ་རེ་ཡའི་མངའ་སྡེའི་ཁྱིམ་ཚང་རྣམས་ལ་སྔོན་འགྲོའི་སློབ་གྲྭའམ་བུ་བཅོལ་ཁང་འཚོལ་རོགས་བྱེད་པའི་ཆེད་དུ་གཞུང་གིས་མཚོན་རྟགས་གསར་པ་ཞིག་བཟོས་ཡོད་ཅིང་། དེ་ལ་འགྲིག་རྟགས་ཅན་གྱི་བུ་བཅོལ་ཁང་ Kinder Tick དུ་འབོད།

ཝིག་ཊོ་རེ་ཡའི་མངའ་སྡེའི་ཁྱིམ་ཚང་རྣམས་ལ་སྔོན་འགྲོའི་སློབ་གྲྭའམ་བུ་བཅོལ་ཁང་འཚོལ་རོགས་བྱེད་པའི་ཆེད་དུ་གཞུང་གིས་མཚོན་རྟགས་གསར་པ་ཞིག་བཟོས་ཡོད་ཅིང་། དེ་ལ་འགྲིག་རྟགས་ཅན་གྱི་བུ་བཅོལ་ཁང་ Kinder Tick དུ་འབོད།

ཁྱེད་རང་བུ་བཅོལ་ཁང་དང་ཕྲུ་གུའི་ཞབས་ཞུ་ཡོད་སའི་ལྟེ་གནས་ཞིག་ལ་སླེབས་སྐབས་མཚོན་རྟགས་འདི་མཐོང་ཐུབ་ལ། ཁྱེད་ཀྱིས་ཕལ་ཆེར་ཁོང་ཚོའི་དྲ་ཚིགས་སྟེང་ནས་ཀྱང་མཚོན་རྟགས་དེ་མཐོང་ཐུབ།

བུ་བཅོལ་ཁང་གི་ཞབས་ཞུ་ནི་ཕྲུ་གུའི་སློབ་གསོར་ཧ་ཅང་གལ་ཆེན་པོ་ཡིན།

འགྲིག་རྟགས་ཅན་གྱི་བུ་བཅོལ་ཁང་ Kinder Tick གི་མཚོན་རྟགས་ནི་འདི་ལྟ་བུ་ཞིག་ཡིན་ཏེ།

འགྲིག་རྟགས་བརྒྱབ་པའི་དོན་ནི་ཞབས་ཞུ་ཁང་འདི་ལ་ཝིག་ཊོ་རི་ཡའི་མངའ་སྡེ་གཞུང་གིས་མ་དངུལ་གཏོང་གི་ཡོད་པ་མཚོན།

ཕྲུ་གུ་ཚོས་ཚད་ལྡན་གྱི་དགེ་རྒན་མདུན་ནས་རྩེད་མོ་བརྒྱུད་སློབ་སྦྱོང་ཐོབ་ངེས་ཡིན། དཔེར་ན། ཁོ་ཚོས་སྐད་ཡིག་དང་།ཨང་གྲངས། དཔེ་རིས་བཅས་སྦྱངས་བར་མ་ཟད། ཕྲུ་གུ་ཚོས་གྲོགས་པོ་སྒྲིག་ཚུལ་དང་། མཉམ་སྤྱོད་བྱེད་ཚུལ། ཕན་ཚུན་གྱི་སྐད་ཆར་ཉན་ཚུལ་བཅས་སྦྱངས་པ་ཡིན། ཁོ་ཚོས་ད་དུང་དགོས་ངེས་ཀྱི་ལག་རྩལ་སྦྱངས་ནས་དངོས་གཞིའི་སློབ་གྲྭར་འགྲོ་བར་གྲ་སྒྲིག་ལེགས་པོ་བྱ་ཐུབ།

སྤྱི་ལོ་ 2022 ནས་བཟུང་ཝིག་ཊོ་རི་ཡའི་མངའ་ཁུལ་གྱི་ཕྲུ་གུ་རྣམས་དངོས་གཞིའི་སློབ་གྲྭར་མ་ཞུགས་གོང་ལོ་གཉིས་རིང་བུ་

བཅོལ་ཁང་དུ་ཞུགས་ཆོག།

བུ་བཅོལ་ཁང་གི་ལས་གཞི་འདི་ནི་ཕྲུ་གུར་ལྟ་སྐྱོང་གི་ཆ་ཤས་ཤིག་ཏུ་བརྩིའམ། ཡང་ན། ལས་འཆར་ལོགས་ཁར་བརྩིས་ཆོག།

ཁྱེད་ཀྱིས་རང་ཉིད་གནས་སྡོད་བྱེད་སའི་ས་གནས་སུ་འགྲིག་རྟགས་ཅན་གྱི་བུུ་བཅོལ་ཁང་ Kinder Tick གི་མཚོན་རྟགས་འདི་འཚོལ་རོགས།

གལ་སྲིད་ཁྱེད་ལ་དེ་ལས་མང་བའི་གནས་ཚུལ་དགོས་ན་བུ་བཅོལ་ཁང་གི་དགེ་རྒན་རྣམས་པར་བཀའ་འདྲི་ཞུས་ཆོག

Updated